最高人民法院、最高人民检察院、公安部、司法部印发
《关于依法惩治妨害新型冠状病毒感染肺炎疫情防控违法犯罪的意见》
ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་
《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཁྲིམས་ཆད་གཅོད་རྒྱུའི་སྐོར་གྱི་བསམ་འཆར།》དཔར་འགྲེམས་བྱས།
2月10日,中央依法治国办、中央政法委、最高人民法院、最高人民检察院、公安部、司法部联合在京举行主题为“防控疫情、法治保障”的新闻发布会。公开发布学习贯彻习*平近**总书记在中央全面依法治国委员会第三次会议上的重要讲话精神和《中央全面依法治国委员会关于依法防控新型冠状病毒感染肺炎疫情切实保障人民生命健康安全的意见》,制定实施《最高人民法院 最高人民检察院 公安部 司法部关于依法惩治妨害新型冠状病毒感染肺炎疫情防控违法犯罪的意见》的有关情况。以下是《意见》全文:
ཟླ་2ཚེས་10ཉིན། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་དོན་གཅོད་ཁང་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་
འཛིན་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་པེ་ཅིན་དུ་“རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲིམས་སྐྱོང་འགན་ལེན”་བརྗོད་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱོགས་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་《ཀྲུང་དབྱང་ཕྱོགས་ཡོངས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་བསམ་འཆར》་གཉིས་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུ་ཡོངས་བསྒྲགས་བྱས་ཤིང་། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་དང་ཁྲིམས་འཛིན་པུའུ་ཡི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཁྲིམས་ཆད་གཅོད་རྒྱུའི་སྐོར་གྱི་བསམ་འཆར》་གྱི་འབྲེལ་ཡོད་ནང་དོན་གཏན་འབེབས་ལག་བསྟར་བྱས། 《བསམ་འཆར》་གྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
最高人民法院 最高人民检察院 公安部 司法部
关于依法惩治妨害新型冠状病毒感染肺炎疫情防控违法犯罪的意见
ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་ཡི་
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་འགོག་རྐྱེན་བཟོས་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཁྲིམས་ཆད་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར།
为依法惩治妨害新型冠状病毒感染肺炎疫情防控违法犯罪行为,保障人民群众生命安全和身体健康,保障社会安定有序,保障疫情防控工作顺利开展,根据有关法律、司法解释的规定,制定本意见。
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་གཅོད་ཆེད་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་འགན་སྲུང་ངམ། སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པར་འགན་སྲུང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་འཛིན་གསལ་འགྲེལ་གྱི་གཏན་འཁེལ་ལྟར་བསམ་འཆར་འདི་གཏན་འབེབས་བྱས་པ་ཡིན།
一、 提高政治站位,充分认识疫情防控时期维护社会大局稳定的重大意义
各级人民法院、人民检察院、公安机关、司法行政机关要切实把思想和行动统一到习*平近**总书记关于新型冠状病毒感染肺炎疫情防控工作的系列重要指示精神上来,坚决贯彻落实*党**中央决策部署、中央应对新型冠状病毒感染肺炎疫情工作领导小组工作安排,按照中央政法委要求,增强“四个意识”、坚定“四个自信”、做到“两个维护”,始终将人民群众的生命安全和身体健康放在第一位,坚决把疫情防控作为当前压倒一切的头等大事来抓,用足用好法律规定,依法及时、从严惩治妨害疫情防控的各类违法犯罪,为坚决打赢疫情防控阻击战提供有力法治保障。
གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས།
རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་།མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་གཅིག་གྱུར་ཏན་ཏིག་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་ལག་ལེན་མཐའ་འཁྱོལ་བྱེད་པར་འབད་པ་ལྷུར་ལེན་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་གདོང་ལེན་བྱེད་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་མཐའ་གཅིག་ཏུ་་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། “འདུ་ཤེས་བཞི”་ཇེ་ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”་བརྟན་པོར་གཏོང་བ།“སྲུང་སྐྱོང་གཉིས”་སྒྲུབ་ཐུབ་པ་བཅས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཀུན་གྱི་གཙོ་བོར་འཛིན་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་མིག་སྔར་གྱི་ཆེས་གལ་འགངས་ཆེ་བའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་ལ། བཅའ་ཁྲིམས་ཀྱི་གཏན་འབེབས་བེད་སྤྱོད་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་དུས་ཐོག་ཏུ་ཁྲིམས་ཆད་ནན་མོ་བཅད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་བ་འདོན་དགོས།
二、准确适用法律,依法严惩妨害疫情防控的各类违法犯罪
(一)依法严惩抗拒疫情防控措施犯罪。故意传播新型冠状病毒感染肺炎病原体, 具有下列情形之一,危害公共安全的 ,依照刑法第一百一十四条、第一百一十五条第一款的规定,以危险方法危害公共安全罪定罪处罚:
གཉིས། བཅའ་ཁྲིམས་ཡང་དག་པར་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།
(གཅིག)རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་འགོག་རྒོལ་བྱས་ནས་ཉེས་གསོག་མཁན་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། བསམ་བཞིན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ནད་གདོད་གཟུགས་ཁྱབ་སྤེལ་བྱས་ཏེ། གཤམ་གསལ་གནས་ཚུལ་ལས་རིགས་གང་རུང་བྱུང་ནས། སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་བ། བརྒྱ་དང་བཅོ་ལྔའི་དོན་ཆུང་དང་པོའི་གཏན་འབེབས་ལྟར། ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱིའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
1.已经确诊的新型冠状病毒感染肺炎病人、病原携带者,拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者公共交通工具的;
༡. ནད་གཞི་གཏན་འཁེལ་བྱས་ཟིན་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་དང་།ནད་གཞི་འཁྱེར་མཁན། བཟང་བཀག་སྨན་བཅོས་དང་ལེན་མ་བྱས་པའམ་བཟང་བཀག་དུས་ཡུན་མ་ཐོན་པར་རང་དགར་གྱིས་བཟང་བཀག་སྨན་བཅོས་བྱེད་ཡུལ་དང་བྲལ་བ་མ་ཟད། སྤྱི་སྤྱོད་ས་གནས་སུ་སོང་བའམ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་པའི་རིགས།
2.新型冠状病毒感染肺炎疑似病人拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者公共交通工具,造成新型冠状病毒传播的。
༢. ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཕོག་པར་དོགས་པ་ཆེ་བའི་ནད་པས་བཟང་བཀག་སྨན་བཅོས་དང་ལེན་མི་བྱེད་པའམ་བཟང་བཀག་དུས་ཡུན་མ་ཐོན་པར་རང་དགར་གྱིས་བཟང་བཀག་སྨན་བཅོས་བྱེད་ཡུལ་དང་བྲལ་བ་མ་ཟད། སྤྱི་སྤྱོད་ས་གནས་སུ་སོང་བའམ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་བསྡད་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་ཁྱབ་བྱས་པའི་རིགས།
其他拒绝执行卫生防疫机构依照传染病防治法提出的防控措施,引起新型冠状病毒传播或者有传播严重危险的,依照刑法第三百三十条的规定,以妨害传染病防治罪定罪处罚。
རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་རིམས་ནད་འགོག་བཅོས་བཅའ་ཁྲིམས་གཏན་འབེབས་ལྟར་སྔོན་འགོག་ཚོད་འཛིན་བྱེད་ཐབས་གཞན་དག་ལག་བསྟར་མ་བྱས་པར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་ཁྱབ་དང་ཡང་ན་འགོས་ཁྱབ་ལ་ཉེན་ཁ་ཚབས་ཆེན་བཟོས་ན། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་དང་སུམ་ཅུའི་གཏན་འབེབས་ལྟར་རིམས་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
以*力暴**、威胁方法阻碍国家机关工作人员(含在依照法律、法规规定行使国家有关疫情防控行政管理职权的组织中从事公务的人员,在受国家机关委托代表国家机关行使疫情防控职权的组织中从事公务的人员,虽未列入国家机关人员编制但在国家机关中从事疫情防控公务的人员)依法履行为防控疫情而采取的防疫、检疫、强制隔离、隔离治疗等措施的,依照刑法第二百七十七条第一款、第三款的规定,以妨害公务罪定罪处罚。*力暴**袭击正在依法执行职务的人民警察的,以妨害公务罪定罪,从重处罚。
དྲག་ཤུགས་དང་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་(དེའི་ནང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱལ་ཁབ་སྲིད་འཛིན་དོ་དམ་གྱི་འགན་དབང་སྤྱོད་པའི་རྩ་འཛུགས་སུ་གཞུང་དོན་སྒྲུབ་པའི་མི་སྣ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་མངག་བཅོལ་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ཚབ་ཏུ་རིམས་ནད་སྔོན་འགོག་བཀག་སྡོམ་གྱི་འགན་དབང་སྤྱོད་པའི་རྩ་འཛུགས་སུ་གཞུང་དོན་སྒྲུབ་པའི་མི་སྣ། རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་སུ་བཅུག་མེད་ཀྱང་རྒྱལ་ཁབ་ལས་ཁུངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་པའི་མི་སྣ།)རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཆེད་ཁྲིམས་ལྟར་རིམས་འགོག་དང་།རིམས་ནད་བརྟག་ཞིབ། བཙན་ཤེད་ཀྱིས་བཟང་བཀག བཟང་བཀག་སྨན་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་པར་བར་ཆད་དང་གེགས་རྐྱེན་བཟོ་མཁན་ལ།ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་དོན་ཆུང་དང་པོ་དང་གསུམ་པའི་གཏན་འབེབས་ལྟར། གཞུང་ཞབས་ལ་བར་ཆད་བཏང་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱེད་མཁན་ལ། གཞུང་ཞབས་ལ་བར་ཆད་བཏང་བའི་ནག་ཉེས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུ།
(二)依法严惩*力暴**伤医犯罪。在疫情防控期间,故意伤害医务人员造成轻伤以上的严重后果,致使医务人员感染新型冠状病毒的,依照刑法第二百三十四条的规定,以故意伤害罪定罪处罚。
(གཉིས།) དྲག་ཤུགས་ཀྱིས་སྨན་པར་རྨས་སྐྱོན་བཏང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་བསམ་བཞིན་ཏུ་སྨན་བཅོས་མི་སྣར་རྨས་སྐྱོན་ཡང་མོ་ཡན་གྱི་མཇུག་འབྲས་ཚབས་ཆེན་བཟོས་ནས་སྨན་བཅོས་མི་སྣར་ཏོག་དབྱིབས་ནད་དུག་གསར་བ་འགོས་སུ་བཅུག་ན། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་སོ་བཞིའི་གཏན་འབེབས་ལྟར་བསམ་བཞིན་དུ་མི་གཞན་པའི་ལུས་ཕུང་ལ་རྨས་སྐྱོན་བཏང་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
随意殴打医务人员,情节恶劣的,依照刑法第二百九十三条的规定,以寻衅滋事罪定罪处罚。
གང་བྱུང་དུ་སྨན་བཅོས་མི་སྣར་གཅར་རྡུང་བཏང་བའི་ཉེས་ཚབས་ཆེ་ན།ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གསུམ་པའི་གཏན་འབེབས་ལྟར་དོན་མེད་དུ་ཟིང་དཀྲུགས་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
采取*力暴**或者其他方法公然*辱侮**、恐吓医务人员,符合刑法第二百四十六条、第二百九十三条规定的,以*辱侮**罪或者寻衅滋事罪定罪处罚。
དྲག་ཤུགས་སམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་སྨན་བཅོས་མི་སྣར་མངོན་སུམ་འཛེམ་མེད་སྒོས་དམའ་འབེབས་དང་འཇིགས་སྐུལ་བྱས་ནས། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཞེ་དྲུག་པ་དང་དོན་ཚན་ཉིས་བརྒྱ་གོ་གསུམ་པའི་གཏན་འབེབས་དང་མཐུན་ན། དམའ་འབེབས་བྱས་པའི་ནག་ཉེས་སམ་ཡང་ན་དོན་མེད་དུ་ཟིང་དཀྲུགས་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
以不准离开工作场所等方式非法限制医务人员人身自由,符合刑法第二百三十八条规定的,以非法拘禁罪定罪处罚。
ལས་གནས་ནས་ཁ་བྲལ་མི་ཆོག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྨན་བཅོས་མི་སྣའི་མི་ལུས་རང་དབང་ལ་ཁྲིམས་མིན་གྱིས་ཚོད་འཛིན་བྱས་ནས། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་སོ་བརྒྱད་པའི་གཏན་འབེབས་དང་མཐུན་ཚེ། ཁྲིམས་མིན་བཙན་བཀག་གི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
(三)依法严惩制假售假犯罪。在疫情防控期间,生产、销售伪劣的防治、防护产品、物资,或者生产、销售用于防治新型冠状病毒感染肺炎的假药、劣药,符合刑法第一百四十条、第一百四十一条、第一百四十二条规定的,以生产、销售伪劣产品罪,生产、销售假药罪或者生产、销售劣药罪定罪处罚。
(གསུམ།)རྫུན་བཟོ་རྫུན་འཚོང་གི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། སྤུས་ཞན་གྱི་འགོག་བཅོས་སམ་འགོག་སྲུང་ཐོན་རྫས། དངོས་རྫས་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ། ཡང་ན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་པར་སྤྱོད་པའི་སྨན་རྫས་རྫུན་མ་དང་སྨན་རྫས་སྤུས་ཞན་ཅན་ཐོན་སྐྱེད་དམ་ཕྱིར་འཚོང་བྱས་ནས། ཉེས་ཁྲིམས་དོན་ཚན་བརྒྱ་དང་བཞི་བཅུ། བརྒྱ་དང་ཞེ་གཅིག བརྒྱ་དང་ཞེ་གཉིས་པ་བཅས་ཀྱི་གཏན་འབེབས་དང་མཐུན་ན། ཚོང་ཟོག་རྫུན་མ་དང་སྤུས་ཞན་ཅན་ཐོན་སྐྱེད་དམ་ཕྱིར་འཚོང་བྱས་པའི་ནག་ཉེས་སམ། སྨན་རྫས་རྫུན་མ་ཐོན་སྐྱེད་དམ་ཕྱིར་འཚོང་བྱས་པའི་ནག་ཉེས། སྨན་རྫས་སྤུས་ཞན་བཙོང་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱེད་དགོས།
在疫情防控期间,生产不符合保障人体健康的国家标准、行业标准的医用口罩、护目镜、防护服等医用器材,或者销售明知是不符合标准的医用器材,足以严重危害人体健康的,依照刑法第一百四十五条的规定,以生产、销售不符合标准的医用器材罪定罪处罚。
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ་མིའི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞིར་མི་མཐུན་པའི་སྨན་བཀོལ་ཁ་བཏུམ་དང་། མིག་སྲུང་མིག་ཤེལ། འགོག་སྲུང་གྱོན་ཆས་སོགས་སྨན་བཅོས་ཡོ་བྱད་དམ། ཡང་ན་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཡིན་པ་ཤེས་བཞིན་དུ་ཕྱིར་འཚོང་བྱས་ནས་མི་ལུས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད་པའི་རིགས་ལ་ཉེས་ཁྲིམས་དོན་ཚན་བརྒྱ་དང་ཞེ་ལྔའི་གཏན་འབེབས་ལྟར། ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
(四)依法严惩哄抬物价犯罪。在疫情防控期间,违反国家有关市场经营、价格管理等规定,囤积居奇,哄抬疫情防控急需的口罩、护目镜、防护服、消毒液等防护用品、药品或者其他涉及民生的物品价格,牟取暴利,违法所得数额较大或者有其他严重情节,严重扰乱市场秩序的,依照刑法第二百二十五条第四项的规定,以非法经营罪定罪处罚。
(བཞི།)དངོས་གོང་ཧམ་སྤར་གྱི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ་རྒྱལ་ཁབ་ཀྱི་ཁྲོམ་ར་བདག་གཉེར་དང་རིན་གོང་དོ་དམ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ། མང་ཉོ་དཀོན་ཚོང་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་ཁ་བཏུམ་དང་མིག་སྲུང་མིག་ཤེལ། འགོག་སྲུང་གྱོན་ཆས་དང་དུག་སེལ་གཤེར་ཁུ་སོགས་འགོག་སྲུང་མཁོ་ཆས་དང་སྨན་རྫས་ཀྱི་རིན་གོང་ཧམ་སྤར་བྱས་པའམ། ཡང་ན་མི་དམངས་ཀྱི་འཚོ་བ་དང་འབྲེལ་བའི་དངོས་རྫས་གཞན་དག་གི་རིན་གོང་སྤར་ནས་ཚུལ་མིན་ཁེ་སྤོགས་ཆེན་པོ་རེག་པ། ཁྲིམས་འགལ་ལས་ཐོབ་པའི་དངུལ་འབོར་ཅུང་ཆེ་བའམ་ཚབས་ཆེ་བའི་གནས་ཚུལ་གཞན་དག་དང་། ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུག་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་ཉེར་ལྔའི་དོན་ཆུང་བཞི་བའི་གཏན་འབེབས་ལྟར་ཁྲིམས་མིན་བདག་གཉེར་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
(五)依法严惩诈骗、聚众哄抢犯罪。在疫情防控期间,假借研制、生产或者销售用于疫情防控的物品的名义骗取公私财物,或者捏造事实骗取公众捐赠款物,数额较大的,依照刑法第二百六十六条的规定,以诈骗罪定罪处罚。
(ལྔ།) མགོ་སྐོར་གཡོ་ལེན་དང་མི་མང་དཔུང་སྡེབ་ཀྱིས་ཧམ་འཕྲོག་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་སྤྱོད་པའི་དངོས་རྫས་ཞིབ་འཇུག་གསར་བཟོ་དང་། ཐོན་སྐྱེད་དམ་ཕྱིར་འཚོང་བྱེད་པར་མིང་གཡར་ནས་གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའམ་ཡང་ན་དོན་དངོས་རྫུན་བཟོ་བྱས་ཏེ། སྤྱི་དམངས་ཀྱི་ཞལ་འདེབས་དངུལ་དང་དངོས་རྫས་གཡོ་ལེན་བྱས་ཤིང་གྲངས་འབོར་ཅུང་ཆེ་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་གཏན་འབེབས་ལྟར་མགོ་སྐོར་གཡོ་ལེན་གྱི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
在疫情防控期间,违反国家规定,假借疫情防控的名义,利用广告对所推销的商品或者服务作虚假宣传,致使多人上当受骗,违法所得数额较大或者有其他严重情节的,依照刑法第二百二十二条的规定,以虚假广告罪定罪处罚。
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མིང་གཡར་ནས། འགྲེམ་ཚོང་ཚོང་ཟོག་གམ་ཞབས་ཞུའི་སྐོར་གྱི་བརྡ་ཁྱབ་རྫུན་མ་དྲིལ་བསྒྲགས་བྱས་ནས། མི་མང་པོ་གཡོ་འོག་ལ་ཚུད་དུ་བཅུག་པ་དང་། ཁྲིམས་འགལ་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་ཉེར་གཉིས་པའི་གཏན་འབེབས་ལྟར་བརྡ་ཁྱབ་རྫུན་མ་སྤེལ་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
在疫情防控期间,聚众哄抢公私财物特别是疫情防控和保障物资,数额较大或者有其他严重情节的,对首要分子和积极参加者,依照刑法第二百六十八条的规定,以聚众哄抢罪定罪处罚。
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། མི་མང་དཔུང་སྡེབ་ཀྱིས་གཞུང་སྒེར་གྱི་རྒྱུ་ནོར་རམ་ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་འགན་སྲུང་དངོས་རྫས་ཧམ་འཕྲོག་བྱས་ནས། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་ན། ཉེས་ཅན་གཏེ་བོ་དང་ཧུར་ཐག་གིས་ཞུགས་མཁན་ལ་ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་རེ་བརྒྱད་པའི་གཏན་འབེབས་ལྟར། མི་མང་དཔུང་སྡེབ་ཀྱིས་ཧམ་འཕྲོག་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
(六)依法严惩造谣传谣犯罪。编造虚假的疫情信息,在信息网络或者其他媒体上传播,或者明知是虚假疫情信息,故意在信息网络或者其他媒体上传播,严重扰乱社会秩序的,依照刑法第二百九十一条之一第二款的规定,以编造、故意传播虚假信息罪定罪处罚。
(དྲུག) དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་བསྒྲགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། རིམས་ནད་ཀྱི་ཆ་འཕྲིན་རྫུན་མ་སྒྲིག་བཟོ་བྱས་ནས་ཆ་འཕྲིན་དྲ་རྒྱའམ་སྨྱན་སྦྱོར་གཞན་པའི་སྟེང་བརྒྱུད་བསྒྲགས་གཏོང་བ་དང་། ཡང་ན་རིམས་ནད་ཀྱི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱའམ་སྨྱན་སྦྱོར་གཞན་པའི་སྟེང་བསམ་བཞིན་ཏུ་བརྒྱུད་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུག་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་གོ་གཅིག་གི་ནང་གསེས་དང་པོའི་དོན་ཆུང་གཉིས་པའི་གཏན་འབེབས་ལྟར། ཆ་འཕྲིན་རྫུན་མ་སྒྲིག་བཟོའམ་བསམ་བཞིན་དུ་བརྒྱུད་བསྒྲགས་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
编造虚假信息,或者明知是编造的虚假信息,在信息网络上散布,或者组织、指使人员在信息网络上散布,起哄闹事,造成公共秩序严重混乱的,依照刑法第二百九十三条第一款第四项的规定,以寻衅滋事罪定罪处罚。
ཆ་འཕྲིན་རྫུན་མ་སྒྲིག་བཟོའམ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱའི་སྟེང་བརྒྱུད་བསྒྲགས་བྱས་པ་དང་། ཡང་ན་མི་སྣ་སྒྲིག་འཛུགས་དང་བཀོད་འདོམས་བྱས་ནས་ཆ་འཕྲིན་དྲ་རྒྱའི་སྟེང་བརྒྱུད་བསྒྲགས་བྱས་ཏེ། འུར་བརྒྱབ་ཟིང་སློང་གིས་སྤྱི་བའི་སྒྲིག་ལམ་ཟང་ཟིང་ཚབས་ཆེན་བཟོས་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་གོ་གསུམ་པའི་དོན་ཆུང་དང་པོའི་ནང་གསེས་དོན་ཚན་བཞི་བའི་གཏན་འབེབས་ལྟར་དོན་མེད་དུ་ཟིང་དཀྲུགས་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
利用新型冠状病毒感染肺炎疫情,制造、传播谣言,煽动分裂国家、破坏国家统一,或者煽动颠覆国家政权、*翻推**社会主义制度的,依照刑法第一百零三条第二款、第一百零五条第二款的规定,以煽动分裂国家罪或者煽动颠覆国家政权罪定罪处罚。
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་གནས་ཚུལ་བེད་སྤྱད་ནས་དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པ། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་བྱེད་པའམ། ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་ན། ཉེས་ཁྲིམས་དོན་ཚན་བརྒྱ་དང་གསུམ་པའི་དོན་ཆུང་གཉིས་པ། དོན་ཚན་བརྒྱ་དང་ལྔ་བའི་དོན་ཆུང་གཉིས་པའི་གཏན་འབེབས་ལྟར་རྒྱལ་ཁབ་ཁ་བྲལ་དུ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་སམ་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་བྱེད་པར་ངན་སྐུལ་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
网络服务提供者不履行法律、行政法规规定的信息网络安全管理义务,经监管部门责令采取改正措施而拒不改正,致使虚假疫情信息或者其他违法信息大量传播的,依照刑法第二百八十六条之一的规定,以拒不履行信息网络安全管理义务罪定罪处罚。
དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་ལག་བསྟར་མི་བྱེད་པ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་ཐབས་སྤྱོད་དགོས་པའི་བཀའ་བཏང་ཡང་ཡོ་བསྲང་མ་བྱས་པར་རིམས་ནད་ཀྱི་ཆ་འཕྲིན་རྫུན་མའམ་ཁྲིམས་འགལ་གྱི་ཆ་འཕྲིན་གཞན་དག་འབོར་ཆེན་བརྒྱུད་བསྒྲགས་བྱས་ན། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གྱ་དྲུག་པའི་ནང་གསེས་དང་པོའི་གཏན་འབེབས་ལྟར་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་འོས་འགན་ལག་བསྟར་མི་བྱེད་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
对虚假疫情信息案件,要依法、精准、恰当处置。对恶意编造虚假疫情信息,制造社会恐慌,挑动社会情绪,扰乱公共秩序,特别是恶意攻击*党**和政府,借机煽动颠覆国家政权、*翻推**社会主义制度的,要依法严惩。对于因轻信而传播虚假信息,危害不大的,不以犯罪论处。
རིམས་ནད་ཀྱི་ཆ་འཕྲིན་རྫུན་མའི་གྱོད་གཞི་ལ་ཁྲིམས་ལྟར་གནད་འཁེལ་གྱིས་ཐག་གཅོད་འོས་འཚམ་བྱེད་དགོས། ངན་སེམས་བཅངས་ནས་རིམས་ནད་ཀྱི་ཆ་འཕྲིན་རྫུན་མ་སྒྲིག་བཟོ་དང་། སྤྱི་ཚོགས་ལ་འཇིགས་སྐྲག་བཟོ་བ། སྤྱི་ཚོགས་ཀྱི་བློ་ཁ་དཀྲུག་པ། སྤྱི་བའི་སྒྲིག་ལམ་དཀྲུག་པ་བཅས་དང་། ལྷག་པར་དུ་ཏང་དང་སྲིད་གཞུང་ལ་ངན་སེམས་ཀྱིས་ཚིག་མཚོན་འདེབས་པ། སྐབས་བབ་དང་བསྟུན་ནས་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གམ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པར་ངན་སྐུལ་བྱེད་པ་བཅས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། ཡིད་ཆེས་སླ་བས་ཆ་འཕྲིན་རྫུན་མ་བརྒྱུད་བསྒྲགས་བྱས་ནས་གནོད་འཚེ་ཆེན་པོ་བཟོས་མེད་ན་ཉེས་གསོག་ཏུ་བརྩི་མི་རུང་།
(七)依法严惩疫情防控失职渎职、贪污挪用犯罪。在疫情防控工作中,负有组织、协调、指挥、灾害调查、控制、医疗救治、信息传递、交通运输、物资保障等职责的国家机关工作人员,滥用职权或者玩忽职守,致使公共财产、国家和人民利益遭受重大损失的,依照刑法第三百九十七条的规定,以滥用职权罪或者玩忽职守罪定罪处罚。
(བདུན།) རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཛོལ་འགན་ལྟུང་དང་ལྐོག་ཟ་གཞན་བཀོལ་གྱི་ཉེས་གསོག་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་སྒྲིག་འཛུགས་དང་། མཐུན་སྦྱོར། བཀོད་འདོམས། གནོད་འཚེ་བརྟག་དཔྱད། ཚོད་འཛིན། སྨན་བཅོས་སྲོག་སྐྱོབ། ཆ་འཕྲིན་བརྒྱུད་བསྒྲགས། འགྲིམ་འགྲུལ་སྐྱེལ་འདྲེན། དངོས་ཟོག་འགན་སྲུང་སོགས་ཀྱི་འགན་འཁྲི་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་འགན་དབང་གང་དགར་སྤྱོད་པའམ་ལས་འགན་སྣང་མེད་ལྷོད་གཡེང་བཏང་བས་སྤྱི་བའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་ན།
ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་གོ་བདུན་གྱི་གཏན་འབེབས་ལྟར་འགན་དབང་གང་དགར་སྤྱད་པའི་ནག་ཉེས་སམ་རང་གི་ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
卫生行政部门的工作人员严重不负责任,不履行或者不认真履行防治监管职责,导致新型冠状病毒感染肺炎传播或者流行,情节严重的,依照刑法第四百零九条的规定,以传染病防治失职罪定罪处罚。
འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ལས་དོན་མི་སྣས་འགན་འཁྲི་རྩ་བ་ནས་མི་འཁུར་བ་དང་། འགོག་བཅོས་ལྟ་སྐུལ་དོ་དམ་གྱི་ལས་འགན་མི་སྒྲུབ་པའམ་ནན་ཏན་གྱིས་ལས་འགན་མ་འཁུར་བས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཁྱབ་པའམ་མཆེད་པའི་གནས་ཚུལ་ཚབས་ཆེ་ན། ཉེས་ཁྲིམས་དོན་ཚན་བཞི་བརྒྱ་དང་དགུའི་གཏན་འབེབས་ལྟར་འགོས་ནད་འགོག་བཅོས་ལ་འགན་འཛོལ་བྱུང་བའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
从事实验、保藏、携带、运输传染病菌种、毒种的人员,违反国务院卫生行政部门的有关规定,造成新型冠状病毒毒种扩散,后果严重的,依照刑法第三百三十一条的规定,以传染病毒种扩散罪定罪处罚。
འགོས་ནད་ཀྱི་འབུ་ཕྲའི་རྒྱུད་དང་དུག་རྒྱུ་ཚོད་ལྟ་དང་། ཉར་ཚགས། འཁྱེར་བཟུང་། སྐྱེལ་འདྲེན་བཅས་བྱེད་མཁན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་དུག་རྒྱུ་མཆེད་ནས་མཇུག་འབྲས་ཚབས་ཆེན་བཟོས་ན། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སོ་གཅིག་པའི་གཏན་འབེབས་ལྟར་འགོས་ནད་ཀྱི་དུག་རྒྱུ་མཆེད་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
国家工作人员,受委托管理国有财产的人员,公司、企业或者其他单位的人员,利用职务便利,侵吞、截留或者以其他手段非法占有用于防控新型冠状病毒感染肺炎的款物,或者挪用上述款物归个人使用,符合刑法第三百八十二条、第三百八十三条、第二百七十一条、第三百八十四条、第二百七十二条规定的,以贪污罪、职务侵占罪、挪用公款罪、挪用资金罪定罪处罚。挪用用于防控新型冠状病毒感染肺炎的救灾、优抚、救济等款物,符合刑法第二百七十三条规定的,对直接责任人员,以挪用特定款物罪定罪处罚。
རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་། མངག་བཅོལ་ལྟར་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱེད་པའི་མི་སྣ། ཀུང་ཟི་དང་ཁེ་ལས་སམ་སྡེ་ཁག་གཞན་དག་གི་མི་སྣས་ལས་གནས་ཀྱི་སྟབས་བདེར་བརྟེན་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པར་སྤྱོད་པའི་རྒྱུ་ནོར་བཙན་བཟུང་དང་བཀག་ཉར་རམ་བྱེད་ཐབས་གཞན་སྤྱད་ནས་ཁྲིམས་མིན་གྱིས་བདག་བཟུང་བྱས་པའམ། ཡང་ན་གོང་གི་རྒྱུ་ནོར་གཞན་བཀོལ་བྱས་ཏེ་སྒེར་སྤྱོད་བྱས་ནས། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་གྱ་གཉིས་དང་། དོན་ཚན་སུམ་བརྒྱ་གྱ་གསུམ་པ། དོན་ཚན་ཉིས་བརྒྱ་དོན་གཅིག་པ། དོན་ཚན་སུམ་བརྒྱ་གྱ་བཞི་བ། དོན་ཚན་ཉིས་བརྒྱ་དོན་གཉིས་བཅས་ཀྱི་གཏན་འབེབས་དང་མཐུན་ན། གཞུང་རྒྱུ་ཧམ་ཟོས་བྱས་པའི་ནག་ཉེས་དང་། ལས་འགན་ལ་བརྟེན་ནས་བཙན་བཟུང་བྱས་པའི་ནག་ཉེས། གཞུང་དངུལ་གཞན་བཀོལ་བྱས་པའི་ནག་ཉེས། མ་དངུལ་གཞན་བཀོལ་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པར་སྤྱོད་པའི་མུག་སྐྱོབ་དང་གཟིགས་སྐྱོང་། རྒུད་སྐྱོབ་སོགས་ཀྱི་རྒྱུ་ནོར་སྒེར་སྤྱོད་བྱས་པ་དེ་ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་དོན་གསུམ་པའི་གཏན་འབེབས་དང་མཐུན་ན། ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ངེས་གཏན་གྱི་རྒྱུ་ནོར་གཞན་བཀོལ་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
(八)依法严惩破坏交通设施犯罪。在疫情防控期间,破坏轨道、桥梁、隧道、公路、机场、航道、灯塔、标志或者进行其他破坏活动,足以使火车、汽车、电车、船只、航空器发生倾覆、毁坏危险的,依照刑法第一百一十七条、第一百一十九条第一款的规定,以破坏交通设施罪定罪处罚。
(བརྒྱད་པ།) འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། ལྕགས་ལམ་དང་ཟམ་པ། ཕུག་ལམ། གཞུང་ལམ། གནམ་གྲུ་ཐང་། གྲུ་ལམ། སྒྲོན་སྟེགས། མཚོན་རྟགས་བཅས་གཏོར་བརླག་གཏོང་བའམ་གཏོར་བརླག་གི་བྱ་སྤྱོད་གཞན་དག་སྤེལ་ནས་མེ་འཁོར་དང་། རླངས་འཁོར། གློག་འཁོར། གྲུ་གཟིངས། མཁའ་འགྲུལ་ཡོ་བྱད་བཅས་མགོ་རྟིང་སློག་ཉེན་དང་གཏོར་བརླག་འགྲོ་ཉེན་བྱུང་ན། ཉེས་ཁྲིམས་དོན་ཚན་བརྒྱ་དང་བཅུ་བདུན་པ། དོན་ཚན་བརྒྱ་དང་བཅུ་དགུ་བའི་དོན་ཆུང་དང་པོའི་གཏན་འབེབས་ལྟར་འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
办理破坏交通设施案件,要区分具体情况,依法审慎处理。对于为了防止疫情蔓延,未经批准擅自封路阻碍交通,未造成严重后果的,一般不以犯罪论处,由主管部门予以纠正。
འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་བཏང་བའི་གྱོད་གཞི་སྒྲུབ་སྐབས། གནས་ཚུལ་དངོས་ལ་གཞིགས་ནས་ཁྲིམས་ལྟར་གཟབ་ནན་སྒོས་ཐག་གཅོད་བྱེད་དགོས། རིམས་ནད་མཆེད་པར་སྔོན་འགོག་བྱེད་ཆེད། ཆོག་མཆན་མ་ཐོབ་པར་རང་དགར་གྱིས་ལམ་བཀག་ནས་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་ཀྱང་ངན་འབྲས་ཚབས་ཆེན་བཟོས་མེད་ན། སྤྱིར་བཏང་ཉེས་གསོག་ཏུ་མི་བརྩི་བར་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱས་ཆོག
(九)依法严惩破坏野生动物资源犯罪。非法猎捕、杀害国家重点保护的珍贵、濒危野生动物的,或者非法收购、运输、出售国家重点保护的珍贵、濒危野生动物及其制品的,依照刑法第三百四十一条第一款的规定,以非法猎捕、杀害珍贵、濒危野生动物罪或者非法收购、运输、出售珍贵、濒危野生动物、珍贵、濒危野生动物制品罪定罪处罚。
(དགུ།) རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྒྱུད་ཆད་ལ་ཉེ་བའི་རིགས་ཁྲིམས་འགལ་སྒོས་རྔོན་འཛིན་གསོད་གསུམ་བྱས་པའམ། ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྒྱུད་ཆད་ལ་ཉེ་བའི་རིགས་སམ་དེའི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་ན། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་ཞེ་གཅིག་གི་དོན་ཆུང་དང་པོའི་གཏན་འབེབས་ལྟར། ཁྲིམས་མིན་དུ་རྩ་ཆེ་བའམ་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་བརྔོན་པའམ་སྲོག་གཅོད་པའི་ནག་ཉེས་སམ། ཡང་ན་རྩ་ཆེ་བའམ་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེ་དག་གི་ཐོན་རྫས་ཁྲིམས་མིན་དུ་ཉོ་བསྡུ་དང་སྐྱེལ་འདྲེན། ཕྱིར་བཙོང་བཅས་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
违反狩猎法规,在禁猎区、禁猎期或者使用禁用的工具、方法进行狩猎,破坏野生动物资源,情节严重的,依照刑法第三百四十一条第二款的规定,以非法狩猎罪定罪处罚。
རྔོན་རྒྱག་གི་ཁྲིམས་སྲོལ་ལས་འགལ་ཏེ། རྔོན་བཀག་ཁུལ་དང་རྔོན་བཀག་དུས་སུའམ་རྔོན་རྒྱག་དུ་སྤྱད་མི་ཆོག་པའི་ལག་ཆ་དང་བྱ་ཐབས་སྤྱད་དེ་རྔོན་རྒྱག་བྱས་ནས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་གནས་ཚུལ་ཚབས་ཆེ་ན། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་ཞེ་གཅིག་གི་དོན་ཆུང་གཉིས་པའི་གཏན་འབེབབས་ལྟར་ཁྲིམས་མིན་དུ་རི་དྭགས་བརྔོན་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
违反国家规定,非法经营非国家重点保护野生动物及其制品(包括开办交易场所、进行网络销售、加工食品出售等),扰乱市场秩序,情节严重的,依照刑法第二百二十五条第四项的规定,以非法经营罪定罪处罚。
རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཁོངས་སུ་མི་གཏོགས་པའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་མིན་བདག་གཉེར་(དེའི་ནང་ཉོ་ཚོང་བྱེད་ས་འཛུགས་པ་དང་། དྲ་ཐོག་ཕྱིར་ཚོང་བྱེད་པ། བཟའ་བཅའ་ལས་སྣོན་བྱེད་པ་སོགས་འདུས་ཡོད)བྱས་ནས། ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་། གནས་ཚུལ་ཚབས་ཆེ་ན། ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་ཉེར་ལྔའི་ནང་གསེས་དོན་ཚན་བཞི་བའི་གཏན་འབེབས་ལྟར་ཁྲིམས་མིན་བདག་གཉེར་གྱི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
知道或者应当知道是国家重点保护的珍贵、濒危野生动物及其制品,为食用或者其他目的而非法购买,符合刑法第三百四十一条第一款规定的,以非法收购珍贵、濒危野生动物、珍贵、濒危野生动物制品罪定罪处罚。
རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་དྭགས་རྩ་ཆེའི་རིགས་དང་རྒྱུད་ཆད་ལ་ཉེ་བའི་རིགས་སམ་དེའི་ཐོན་རྫས་ཡིན་པ་ཤེས་བཞིན་དུའམ་ངེས་པར་དུ་ཤེས་དགོས་རུང་། བཟའ་ཆེད་དམ་དམིགས་ཡུལ་གཞན་གྱི་ཆེད་དུ་ཁྲིམས་མིན་ངང་ཉོ་སྒྲུབ་བྱས་ནས། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་ཞེ་གཅིག་གི་དོན་ཆུང་དང་པོའི་གཏན་འབེབས་དང་མཐུན་ན། རྩ་ཆེ་བའམ་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེ་དག་གི་ཐོན་རྫས་ཁྲིམས་མིན་དུ་ཉོ་བསྡུ་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
知道或者应当知道是非法狩猎的野生动物而购买,符合刑法第三百一十二条规定的,以掩饰、隐瞒犯罪所得罪定罪处罚。
ཁྲིམས་མིན་གྱིས་བརྔན་པའི་རི་སྐྱེས་སྲོག་ཆགས་ཡིན་པ་ཤེས་བཞིན་དུའམ་ངེས་པར་ཤེས་དགོས་ཀྱང་བསམ་བཞིན་དུ་ཉོས་པ་དེ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་བཅུ་གཉིས་པའི་གཏན་འཁེལ་དང་མཐུན་ན། ཉེས་བསགས་ལས་ཐོབ་པ་འགེབས་སྲུང་དང་སྦ་གསང་བྱས་པའི་ནག་ཉེས་ལྟར་ཉེས་གཅོད་ཆད་གཅོད་བྱ་རྒྱུ།
(十)依法严惩妨害疫情防控的违法行为。实施上述(一)至(九)规定的行为,不构成犯罪的,由公安机关根据治安管理处罚法有关虚构事实扰乱公共秩序,扰乱单位秩序、公共场所秩序、寻衅滋事,拒不执行紧急状态下的决定、命令,阻碍执行职务,冲闯警戒带、警戒区,殴打他人,故意伤害,*辱侮**他人,诈骗,在铁路沿线非法挖掘坑穴、采石取沙,盗窃、损毁路面公共设施,损毁铁路设施设备,故意损毁财物、哄抢公私财物等规定,予以治安管理处罚,或者由有关部门予以其他行政处罚。
(བཅུ།) རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས། གོང་གསལ་གྱི་(གཅིག)ནས་(དགུ)བར་གཏན་འཁེལ་བྱས་པའི་བྱ་སྤྱོད་སྤེལ་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་གཞིར་བཟུང་ནས་གཤམ་གྱི་དོན་དངོས་རྫུན་བཟོ་བྱས་ནས་སྤྱི་བའི་སྒྲིག་ལམ་གཏོར་བརླག་བྱེད་པ་དང་། ལས་ཁུངས་སམ་སྤྱི་སྤྱོད་ས་གནས་ཀྱི་སྒྲིག་ལམ་གཏོར་བརླག་བྱེད་པ། དོན་མེད་ཟིང་དཀྲུག་བྱེད་པ་བཅས་ལ་བདེ་སྐྱོང་དོ་དམ་གྱི་ཆད་པ་གཅོད་པར་མ་ཟད། ཛ་དྲག་གནས་ཚུལ་འོག་གི་ཐག་གཅོད་དང་བཀའ་རྒྱ་ལག་བསྟར་མི་བྱེད་པ། ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་བ། ཉེན་ཟོན་གནས་དང་ཉེན་ཟོན་ཁུལ་དུ་མཆོང་འཛུལ་བྱེད་པ། མི་གཞན་ལ་གཅར་རྡུང་བྱེད་པ། མི་གཞན་ལ་བསམ་བཞིན་དུ་གནོད་འཚེ་གཏོང་བ། མི་གཞན་ལ་བརྙས་བཅོས་བྱེད་པ་དང་མགོ་སྐོར་གཏོང་བ། ལྕགས་ལམ་འགྲམ་རྒྱུད་དུ་ཁྲིམས་མིན་གྱིས་ས་དོང་བརྐོ་བ་དང་བྱེ་རྡོ་ལེན་པ། ལམ་ངོས་ཀྱི་སྤྱི་པའི་སྒྲིག་བཀོད་བརྐུ་བ་དང་གཏོར་བརླག་བྱེད་པ། ལྕགས་ལམ་གྱི་སྒྲིག་བཀོད་སྒྲིག་ཆས་གཏོར་བརླག་བྱེད་པ། བསམ་བཞིན་དུ་རྒྱུ་ནོར་གཏོར་བརླག་བྱེད་པ་དང་གཞུང་སྒེར་གྱི་རྒྱུ་ནོར་ཧམ་འཕྲོག་བྱེད་པ་བཅས་ཀྱི་གཏན་འབེབས་དག་ལ་བདེ་སྐྱོང་དོ་དམ་ཐད་ཀྱི་ཆད་པ་གཅོད་པའམ་འབྲེལ་ཡོད་སྡེ་ཁག་གིས་སྲིད་འཛིན་ཆད་པ་གཞན་དག་བཅད་ཆོག
对于在疫情防控期间实施有关违法犯罪的,要作为从重情节予以考量,依法体现从严的政策要求,有力惩治震慑违法犯罪,维护法律权威,维护社会秩序,维护人民群众生命安全和身体健康。
རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་སྤེལ་བའི་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དེ་ཉེས་ཆད་ལྕི་མོ་གཅོད་པའི་གནས་ཚུལ་ལྟར་བསམ་གཞིགས་བཏང་སྟེ། ཁྲིམས་ལྟར་ནན་མོ་བྱེད་དགོས་པའི་སྲིད་ཇུས་ཀྱི་བླང་བྱ་མངོན་པ་དང་། ནུས་ཡོད་སྒོས་ཉེས་ཆད་བཅད་ནས་ཁྲིམས་འགལ་ཉེས་གསོག་ལ་འཇིགས་སྐུལ་བྱེད་པ། བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་བཅས་ལ་སྲུང་སྐྱོང་བྱེད་དགོས།
三、健全完善工作机制,保障办案效果和安全
(一)及时查处案件。公安机关对于妨害新型冠状病毒感染肺炎疫情防控的案件,要依法及时立案查处,全面收集固定证据。对于拒绝隔离治疗或者隔离期未满擅自脱离隔离治疗的人员,公安机关要依法协助医疗机构和有关部门采取强制隔离治疗措施。要严格规范公正文明执法。 གསུམ། ལས་དོན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྱོད་སྒྲུབ་གྲུབ་འབྲས་དང་བདེ་འཇགས་འགན་སྲུང་བྱེད་དགོས། (གཅིག) དུས་ཐོག་ཏུ་གྱོད་གཞི་ཞིབ་གཅོད་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་གཏོང་བའི་གྱོད་གཞིར་ཁྲིམས་ལྟར་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་ཞིབ་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་དཔང་རྟགས་འཚོལ་བསྡུ་དང་གཏན་འཇགས་བྱེད་དགོས། བཟང་བཀག་སྨན་བཅོས་དང་ལེན་མི་བྱེད་པའམ་བཟང་བཀག་དུས་ཡུན་ལོངས་མེད་པར་རང་དགར་བཟང་བཀག་སྨན་བཅོས་དང་ཁ་བྲལ་བའི་མི་སྣ་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྨན་བཅོས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་བཙན་ཤེད་བཟང་བཀག་སྨན་བཅོས་བྱེད་དགོས། དྲང་གཞག་ཚུལ་མཐུན་དང་ཚད་ལྡན་ནན་མོ་སྒོས་ཁྲིམས་བསྟར་བྱེད་དགོས།
(二)强化沟通协调。人民法院、人民检察院、公安机关、司法行政机关要加强沟通协调,确保案件顺利侦查、起诉、审判、交付执行。对重大、敏感、复杂案件,公安机关要及时听取人民检察院的意见建议。对社会影响大、舆论关注度高的重大案件,要加强组织领导,按照依法处置、舆论引导、社会面管控“三同步”要求,及时向社会通报案件进展情况,澄清事实真相,做好舆论引导工作。 (གཉིས།) འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་གཞི་བདེ་བླག་ངང་མྱུལ་ཞིབ་དང་། ཞུ་གཏུག འདྲི་གཅོད། རྩིས་སྤྲོད་ལག་བསྟར་བཅས་བྱེད་དགོས། གྱོད་དོན་ཚབས་ཆེན་ཅན་དང་། ཚོར་སྐྱེན་ཅན། རྙོག་འཛིང་ཅན་ལ་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཞིབ་དཔྱོད་ཁང་གི་བསམ་འཆར་དང་གྲོས་གཞིར་དུས་ཐོག་ཏུ་ཉན་དགོས། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་དང་གླེང་ཕྱོགས་དོ་སྣང་ཚད་མཐོ་བའི་གྱོད་གཞི་གལ་ཆེན་དག་གི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བྱེད་དགོས། ཁྲིམས་ལྟར་ཐག་གཅོད་དང་གླེང་ཕྱོགས་ཀྱི་སྣེ་སྟོན། སྤྱི་ཚོགས་དོ་དམ་ཚོད་འཛིན་བཅས་“གོམ་སྟབས་གསུམ་”གྱི་བླང་བྱ་གཞིར་བཟུང་སྟེ། དུས་ཐོག་ཏུ་སྤྱི་ཚོགས་ལ་གྱོད་གཞིའི་འཕེལ་རིམ་གྱི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། དོན་དངོས་དང་གནས་ཚུལ་ངོ་མ་གསལ་བོ་བྱེད་པ། གླེང་ཕྱོགས་ཀྱི་སྣེ་སྟོན་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱེད་དགོས།(三)保障诉讼权利。要依法保障犯罪嫌疑人、被告人的各项诉讼权利特别是辩护权。要按照刑事案件律师辩护全覆盖的要求,积极组织律师为没有委托辩护人的被告人依法提供辩护或者法律帮助。各级司法行政机关要加强对律师辩护代理工作的指导监督,引导广大律师依法依规履行辩护代理职责,切实维护犯罪嫌疑人、被告人的合法权益,保障法律正确实施。
(གསུམ།) གཏུག་བཤེར་བྱེད་དབང་འགན་སྲུང་བྱེད་དགོས། དོགས་ཡོད་ཉེས་ཅན་དང་གྱོད་པའི་གཏུག་བཤེར་བྱེད་དབང་ཚང་མ་ཁྲིམས་ལྟར་འགན་སྲུང་བྱེད་དགོས་པ་དང་ལྷག་པར་དུ་དག་འབུད་བྱེད་དབང་ལ་འགན་སྲུང་བྱེད་དགོས། ཉེས་དོན་གྱོད་གཞིར་ཁྲིམས་རྩོད་པའི་དག་འབུད་ཕྱོགས་ཡོངས་ནས་ཁྱབ་པའི་བླང་བྱ་གཞིར་བཟུང་ནས། ཁྲིམས་རྩོད་པ་མངགས་བཅོལ་བྱས་མེད་པའི་གྱོད་པར་ཧུར་ཐག་སྒོས་ཁྲིམས་རྩོད་པ་སྒྲིག་འཛུགས་བྱས་ནས་ཁྲིམས་ལྟར་དག་འབུད་བྱེད་པའམ་བཅའ་ཁྲིམས་རོགས་སྐྱོབ་བྱེད་དགོས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་རྩོད་པའི་དག་འབུད་ལས་ཚབ་བྱ་བར་མཛུབ་སྟོན་ལྟ་སྐུལ་བྱས་ནས། རྒྱ་ཆེའི་ཁྲིམས་རྩོད་པས་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་དག་འབུད་ལས་ཚབ་ལས་འགན་སྒྲུབ་སྟེ། དོགས་ཡོད་ཉེས་ཅན་དང་གྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ཏན་ཏིག་གིས་སྲུང་སྐྱོབ་བྱེད་པ། བཅའ་ཁྲིམས་ཡང་དག་སྒོས་ལག་བསྟར་བྱེད་པ་བཅས་ལ་སྣེ་སྟོན་བྱ་དགོས།
(四)加强宣传教育。人民法院、人民检察院、公安机关、司法行政机关要认真落实“谁执法谁普法”责任制,结合案件办理深入细致开展法治宣传教育工作。要选取典型案例,以案释法,加大警示教育,震慑违法犯罪分子,充分展示坚决依法严惩此类违法犯罪、维护人民群众生命安全和身体健康的决心。要引导广大群众遵纪守法,不信谣、不传谣,依法支持和配合疫情防控工作,为疫情防控工作的顺利开展营造良好的法治和社会环境。
(བཞི།) དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་“ཁྲིམས་བསྟར་མཁན་གྱིས་ཁྲིམས་བསྒྲགས་པའི་”འགན་འཁྲིའི་ལམ་ལུགས་ནན་ཏན་དོན་འཁྱོལ་ཡོང་བར་བྱེད་དགོས་ལ། གྱོད་གཞི་སྒྲུབ་པ་དང་ཟུང་འབྲེལ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་ཞིབ་ཚགས་ངང་སྤེལ་དགོས། དཔེ་མཚོན་གྱོད་དཔེ་བདམས་ནས་ཁྲིམས་འགྲེལ་བྱེད་པ་དང་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་ཉེས་གསོག་ལ་ཟིལ་གནོན་བྱས་ཏེ། ཁྲིམས་འགལ་ཉེས་གསོག་དེའི་རིགས་ལ་མཐའ་གཅིག་ཏུ་ཁྲིམས་ལྟར་ཆད་པ་ནན་མོ་བཅད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་སྲུང་སྒྲིག་བརྩི་བྱས་ཏེ་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཤད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁྲིམས་ལྟར་རྒྱབ་སྐྱོར་དང་རམ་འདེགས་བྱེད་པར་སྣེ་སྟོན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བདེ་བླག་ངང་སྤེལ་བར་ཁྲིམས་སྐྱོང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
(五)注重办案安全。在疫情防控期间,办理妨害新型冠状病毒感染肺炎疫情防控案件,办案人员要注重自身安全,提升防范意识,增强在履行接处警、抓捕、羁押、讯问、审判、执行等职能时的自我保护能力和防范能力。除依法必须当面接触的情形外,可以尽量采取书面审查方式,必要时,可以采取视频等方式讯问犯罪嫌疑人、询问被害人、证人、听取辩护律师意见。人民法院在疫情防控期间审理相关案件的,在坚持依法公开审理的同时,要最大限度减少人员聚集,切实维护诉讼参与人、旁听群众、法院干警的安全和健康。
(ལྔ།) གྱོད་གཞི་སྒྲུབ་པའི་བདེ་འཇགས་ལ་དོ་སྣང་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་གྱོད་གཞི་སྒྲུབ་སྐབས། གྱོད་སྒྲུབ་མི་སྣས་རང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་རིམས་ནད་འགོག་ཟོན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ། ཉེན་བརྡ་གཏོང་འབྱོར། འཛིན་བཟུང་། བཀག་ཉར། འདྲི་རྩད། འདྲི་ཞིབ། ལག་བསྟར་སོགས་ཀྱི་ལས་འགན་སྒྲུབ་སྐབས་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་དང་སྔོན་འགོག་གི་ནུས་པ་ཇེ་ཆེར་གཏོང་དགོས། ཁྲིམས་ལྟར་ངེས་པར་དུ་ངོ་ཐུག་དགོས་པའི་གནས་ཚུལ་ཕུད། ཡིག་ངོས་ཀྱི་ཞིབ་བཤེར་བྱེད་ཐབས་སྤྱོད་གང་ཐུབ་བྱས་ནས། དགོས་ངེས་ཀྱི་སྐབས་སུ་བརྙན་ལམ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དོགས་ཡོད་ཉེས་ཅན་ལ་འདྲི་རྩད་དང་། གནོད་འཚེ་འཕོག་མཁན་དང་དཔང་མིར་འདྲི་ཞིབ། ཁྲིམས་རྩོད་པའི་དག་འབུད་བསམ་འཆར་ཉན་པ་བཅས་བྱས་ཆོག མི་དམངས་ཁྲིམས་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་འབྲེལ་ཡོད་གྱོད་གཞི་འདྲི་ཞིབ་བྱེད་པ་དག ཁྲིམས་ལྟར་ཡོངས་བསྒྲགས་ངང་འདྲི་ཞིབ་མཐའ་འཁྱོངས་བྱེད་པ་དང་དུས་མཚུངས་སུ་མི་སྣ་འདུ་འཛོམས་ཉུང་དུ་བཏང་ནས་གཏུག་བཤེར་ལ་ཞུགས་མཁན་ནམ། ཟུར་ཉན་མཁན། ཁྲིམས་ཁང་གི་ཉེན་རྟོག་པའི་བདེ་འཇགས་དང་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
来源:青海观若律师事务所