玛曲县妇幼保健院免费”两癌“筛查公告
好消息来啦!为提高广大农牧村妇女宫颈癌和乳腺癌的早诊早治率,降低“两癌”死亡率,提高广大妇女健康水平,实现早发现、早治疗、早干预的目标,促进妇女身心健康,玛曲县妇幼保健院实施妇女“两癌”免费筛查服务,为符合条件的人群提供免费“两癌”筛查。
一、免费筛查内容
1.常规妇科检查;
2.HPV检测;
3.乳腺的视诊、触诊,
4.乳腺彩色超声检查。
二、目标人群
35-64岁玛曲县常住妇女,五年内只能够享受一次免费妇女常见病普查及“两癌”筛查服务。本次免费妇女常见病普查及两癌筛查服务,以知情自愿为原则。
三、检查注意事项
1.月经干净后3-5天进行检查,月经期间、孕妇、哺乳期、无*生活性**史、子宫全切除者等不建议参加检查;
2.检查时不需要空腹,不需要憋尿,妇检前要排空膀胱;
3.宫颈癌筛查和阴道分泌物检查,原则上仅对已婚妇女进行;
4.检查前24小时内避免同房、阴道上药、冲洗;
5.本次免费检查项目标本由专人护送,不需要参检对象自己送达,免费项目检查完成后将《两癌筛查个案登记表》给登记人员就可以离开,不必当场等待结果;
筛查时间:2023年11月20日----2023年12月20日
筛查地点: 玛曲县妇幼保健院
联系电话:0941--6121278
玛曲县妇幼保健院
2023年11月21日
གཏམ་བཟང་།
རྒྱལ་ཁབ་ཀྱིས་བུད་མེད་བདེ་ཐང་སྐུལ་འདེད་ལ་རིན་མེད་ཀྱི་རྣམ་གྲངས་གཉིས་ཡོད་པ་དེ་ནི་ནུ་མའི་འབྲས་སྐྲན་དང་བུ་སྣོད་ཀྱི་འབྲས་སྐྲན་གཉིས་ཡིན།དེང་སྐབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བུད་མེད་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འབྲས་སྐྲན་ནད་འདིས་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པ་མ་ཟད།ཉེ་བའི་ལོ་འགའི་རིང་ནད་འདི་གཉིས་བྱུང་ཚད་རྒྱུན་མི་ཆད་པར་ཇེ་མཐོར་འགྲོ་བཞིན་ཡོད། འོན་ཀྱང་། ང་ཚོ་ནད་རིགས་འདི་ལ་སྐྲག་དགོས་དོན་མེད། སྔ་མོ་ནས་ཤེས་རྟོགས། སྔ་མོ་ནས་གསོ་བཅོས་བྱེད་རྒྱུ་ནི་གནད་འགག་ཡིན།
དང་བོ།རིན་མེད་བརྟག་དཔྱད་ཀྱི་ནང་དོན།
(༡)རྒྱུན་མཐོང་མོ་ནད་བརྟག་དཔྱད།
(༢)HPVབརྟག་དཔྱད།
(༣)ནུ་མའིBསྒྲ་རླབས་ཀྱི་བརྟག་དཔྱད།
གཉིས་བ། དམིགས་འབེན་གྱི་བརྟག་དཔྱད་བྱེད་མི།
རྨ་ཆུར་རྒྱུན་སྡོད་ཀྱི་བུད་མེད༣༥—༦༤བར་ཡིན།(ལོ་ལྔའི་ནང་འབྲས་སྐྲན་འདི་གཉིས་ལ་བརྟག་དཔྱད་ཐེངས་གཅིག་བྱེད་དགོ)
གསུམ་པ། བརྟག་དཔྱད་སྐབས་ཀྱི་ཉམས་འཇོག་བྱ་ཡུལ།
(༡)ཟླ་མཚན་ཚར་ནས་ཉིན༣—༥བར་བརྟག་དཔྱད་བྱེད་དགོ ༼དམིགས་བསལ་དུ་ཟླ་མཚན་སྐབས་དང་སྦྲུམ་མ། ནུ་མ་བསྣུན་སྐབས། གཉེན་སྒྲིག་བྱས་མེད་པ། བུ་སྣོད་བཤགས་བཅོས་བྱས་ཟིན་པ་བཅས་ཀྱི་བརྟག་དཔྱད་བྱེད་མི་རུང་།༽
(༢)བརྟག་དཔྱད་ལ་ཆེད་དུ་གཅིན་བསོག་པ་དང་ཁོག་སྟོང་ཡིན་མི་དགོ
(༣)བརྟག་དཔྱད་འདི་རིགས་ཀྱི་ཁ་གཏད་ས་ནི་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཡིན།
(༤)བརྟག་དཔྱད་མ་བྱས་སྔོན་གྱི་དུས་ཚོད༢༤ནང་འཕྲུག་སྤྱོད་དང་མཚན་མའི་ནང་སྨན་བཀོལ་མི་རུང་ཞིང་བཀྲུ་ཡང་མི་རུང་།
(༥)ཐེངས་འདིའི་རིན་མེད་ཀྱི་བརྟག་དཔྱད་ལ་ཆེད་མངགས་ཀྱི་ཐོ་འགོད་དང་མ་ཕྱི་སྐྱེལ་མཁན་སོགས་ཡོད།རང་ཉིད་ཀྱི་བརྟག་འབྲས་ལ་སྒུག་མི་དགོ
ངེད་མ་བུ་བདེ་སྲུང་སྨན་ཁང་ནི་འབྲས་སྐྲན་གཉིས་ཀྱི་རིན་མེད་བརྟག་ཡུལ་གྱི་ལག་བསྟར་ལས་ཁུངས་ཡིན། ཁྱེད་ཅག་གི་བདེ་ཐང་དང་ཚེ་སྲོག་གི་ཆེད་དུ་ང་ཚོའི་སྤུས་ལེགས་འདོད་སྤྲོད་ཀྱི་ཞབས་ཞུ་སྒྲུབ་ངེས་ཡིན། དུས་ཚོད་དམ་འཛིན་བྱས་ནས་ངེད་སྨན་ཁང་དུ་ཡོང་བར་ཕེབས་སུ་ཡོད།
བརྟག་དཔྱད་དུས་ཚོད།༢༠༢༣༡༡༢༠—༢༠༢༣༡༢༢༠
བརྟག་དཔྱད་ས་གནས། རྨ་ཆུ་རྫོང་མ་བུ་བདེ་སྲུང་སྨན་ཁང་།
འབྲེལ་གཏུགས་ཁ་པར་ཨང་གྲངས། ༠༩༤༡—༦༡༢༡༢༧༨
རྨ་ཆུ་རྫོང་མ་བུ་བདེ་སྲུང་སྨན་ཁང་ནས།
༢༠༢༣-༡༡-༢༡ཉིན།